收藏
评论

凤凰便民网

凤凰便民网是数万凤凰人的信息平台!让您足不出户就能掌握身边大小事,让凤凰便民网成为你身边的生活助手。

扫码体验

最后一次编辑于  2018-12-21  (未经腾讯允许,不得转载)
复制链接收藏赞 4

2 个评论

  • 思汗
    思汗
    02-13

    惊讶,凤凰滴啊,加个wx。兄弟

    02-13
    赞同
    回复
  • གཞུང་སྲས།
    གཞུང་སྲས།
    05-08


    ༼ཕ་ཡུལ་སྟག་གཟིག༽ མཛོ་ལུང་། མཁན་དགེ་ལེགས་དཔལ་འབྱོར། ཕྱི་འབྱོར་བ་ཡུལ་གྱི་ཕུན་ཚོགས་ནི།། སྤང་རི་སྤང་ཤོག་ལྷུན་གྱིས་གྲུབ།། རྫ་རི་སྲིབ་རི་བརྗིད་ཅིང་ཆགས།། གཞི་གནས་རི་མཆོག་ཕྱོགས་སུ་འགྱིང་།། རི་ངོགས་ཟུར་དང་གཤམ་རྣམས་སུ།། ཆུ་མིག་དྭངས་གཙང་ཡིད་དུ་འོང་།། མཛེས་སྡུག་གྲོང་གི་གཞི་དཀྱིལ་ནས།། གསེར་ལྡན་འཛི་ཆུ་ལྷོད་ཀྱིས་འབབ།། མི་གཙང་གད་སྙིགས་མཐའ་རུ་འཁྱེར།། རྦ་རླབས་སྒེག་པའི་འཕྱོར་ཉམས་ནི།། མིག་མཐོང་ལྟད་མོའི་ཡུལ་དུ་ཆེ།། ཁྱད་པར་ནམ་ཟླའི་འགྱུར་ལྡོག་ལ།། དབྱར་གྱི་དཔལ་ཡོན་བཞད་པའི་དུས།། རྩྭ་དང་རྩི་ཤིང་བོང་ཚོད་རིང་།། མེ་ཏོག་དཀར་དམར་ཁ་དོག་བཀྲ།། བྱ་རིགས་སྣ་ཚོགས་སྐད་གདངས་སྙན།། རི་ན་རི་དྭགས་བག་ཀྱང་ཕེབས།། ཆུ་བོར་ཆུ་གནས་བདེ་བར་གནས།། ལ་ལུང་བརྒལ་ནས་རུ་ས་སྤོ།། གནག་ཕྱུག་མཐོན་པོའི་གཟན་ལ་བཀྲམ།། དཀར་པོ་འོ་མའི་རྒྱ་མཚོ་འཁྱིལ།། སྦྲ་ནག་གྲུ་བཞིའི་ཕ་མཁར་བཅའ།། སྐྱིད་པོ་དབྱར་གྱི་མཚེར་ས་ནས།། དྭངས་གཙང་མཁའ་དབུགས་ལོངས་སུ་སྤྱོད།། སྟོན་ཐོག་འབྲས་བུ་སྨིན་པའི་སྐབས།། ལོ་ཡག་སྙེ་མས་ཞིང་ས་གང་།། མར་སྐྱུར་ཤེ་ཡིས་བང་མཛོད་གང་།། ཡར་སྐྱེས་སྐྱེས་དངོས་ཕལ་མོ་ཆེ།། འབྲས་བུ་ཁུར་གྱིས་མགོ་བོ་དུད།། རུ་ས་མཐོ་ནས་དམའ་ལ་འབབ།། ཆུ་བོའི་འགྲམ་གྱི་སྤང་ལྗོངས་ལ།། རྟ་ནོར་སྐར་ཚོགས་བཞིན་དུ་བཀྲགས།། སྟོབས་ཆེན་གཡག་གི་རྭ་རྩེད་འགྲན།། མི་རྣམས་སྤྲོ་སྣང་ལོངས་སུ་སྤྱོད།། དགུན་གསུམ་གྲང་ངར་རྒྱས་ན་ཡང་།། རང་རང་ཕ་མཁར་ས་བཟུང་ཞིང་།།
    05-08
    赞同
    回复