༡༩/༡༠/༢༠༢༡ མིག་དམར། མཚན་མོར་ཁ་བ་ཟམ་མི་ཟིམ་མེར་འབབས། མཚན་མོར་ངས་སྨོན་ལམ་མང་དུ་བཏབ་པ་ཡིན། དེ་ནི་མཚན་མོ་ལས་གཡོལ་ཆེད་མིན་པར་ང་རང་གིས་ཡིད་ཆེས་དཀའ་བའི་ཉིན་མོ་རེ་རེར་དགོངས་དག་ཞུ་ཆེད་ཡིན། རྒྱུན་གཏན་ལྟར་ཁོ་མོ་དང་ང་རང་སློབ་རྭའི་གྲུ་དང་ཟུར་ནས་འཕྲད་པ་ནི་ཧ་ཅང་སྟེས་དབང་ཞིག་རེད། མ་གཞི་ནས་ཁོ་མོ་དང་ངོ་ཤེས་ནས་འདྲིས་པའང་ཧ་ཅང་སྟེས་དབང་ཞིག་རེད། དེ་ལྟར་ཁོ་མོ་མ་རིག་པས་ང་ལ་འཁེར་རྐྱང་གི་སྣང་བ་མང་དུ་ཡོང་བའང་ཧ་ཅང་སྟེས་དབང་ཞིག་རེད། དེ་རིང་གི་ཉིན་ཐོར་ནང་དོན་འདི་ཁོ་ན་འབྲི་བའང་ཧ་ཅང་སྟེས་དབང་རེད།སྟེས་དབང་གིས་་་་་་་་ ང་རང་ནི་དགོས་རྒྱུ་མནོག་པོ་ཡིན་པ་ལ་རང་ཉིད་རིག་པ་ལ་སོགས་གང་ཅིའི་ཐད་ནས་ཧྲག་ཧྲོག་རགས་པོ་ཁོ་ན་ཡིན།དེ་ནི་ངས་ཕ་མ་དང་ཁྱོད་ཀྱི་ས་ནས་་མཐོང་བའི་ང་རང་ཡིན།རླུང་ཡན་གྱིས་སྤུར་བའི་བལ་སྙིགས་ཙམ་ལའང་མ་དོ། འོན་ཀྱང་ང་རང་གིས་ཞིབ་འདང་ཡང་འདང་མང་དུ་རྒྱབ་མྱོང་། ང་ལ་ཐེ་ཚོམ་མེད། ཁོ་མོ་ནི་གནས་ལུགས་ཀྱིས་གྲུབ་པའི་ཚེ་སྲོག་མཉེན་འཇམ་ཅན་ཞིག་ཏེ། ནམ་ཡང་ང་རང་གི་མཐོ་སར་འཇོག་དགོས། རྒྱུ་མཚན་ནི་མོ་རང་སེམས་བཟང་ཞིང་རྣམ་འགྱུར་ཡག གཟུགས་མཛེས། སྐད་སྙན། ཧ་ཅང་རིང་བའི་སྐྲ་ལོ་ནི་གཞོན་ནུ་མར་ཚོར་ལྷན་སྐྱེས་སུ་ཡོད་པའི་ཞིབ་ཆ་ངང་རྒྱུད་ཀྱི་དོ་ཡིན། མ་ཡིན་ཏེ་མོ་རང་མིག་བཟུང་གིས་མཚན་མོ་རེ་རེར་ངས་རང་ཉིད་ལ་སྐད་ཆ་མང་དུ་ཤོད་དགོས་ཀྱི་འདུག དེ་ནི་ངས་ཉིན་མོར་བཤད་པའི་སྐད་ཆ་དང་ཡོངས་སུ་ཁག་ཁག་རེད། དཔེར་ན། ང་རང་ཉིན་མཚན་རེ་རེར་མི་རེ་རེ་ཡིན་པ་ལྟ་བུ། ཡང་སྐྱར་དཔེ་བཞག་ན།ངས་ཉི་མོར་བཤད་པའི་ཚེ་སྲོག་དང་།བརྩེ་བ།རང་དབང་སོགས་མཚན་མོར་དྲན་ན་ངུ་བྲོ་བས་གང་ནུས་ཅི་ནུས་ཀྱི་མ་དྲན་པར་བརྗེད་གང་ཐུབ་བྱེད་དགོས་པ་ལྟ་བུ་རེད། ད་ལྟ་ངས་ཁྱེད་ཀྱིས་མིག་ཆུ་བཞུར་སླ་བའི་མིག་བཟུང་དེ་མཐོང་བྱུང་།སྨིན་མ་སྣག་ཅིང་དཀྱུས་རིང་།དཀར་ས་དཀར་ལ་ནག་ས་ནག་པ་སེམས་པ་ཐད་དཀར་ཤུས་པ་འདྲ་བོ་དེ་རེད།རེད།མཚན་མོ་འདིར་ཟླ་བ་ནི་ཁྱོད་ཡིན། སྐར་མའང་ཁྱོད་ཡིན། ཁུ་སིམ་མེར་སྡོད་མཁན་དེ་ཡང་ཁྱོད་ཡིན། མཚམས་རེར་སྐད་ཆུང་ངུ་གྲགས་པའང་ཁྱོད་ཡིན།མདོར་ན་མཚན་མོ་འདི་ཡང་ཁྱོད་རང་ཡིན། དེ་ལྟར་ང་རང་ཁྱོད་ཉིད་ཡིན་ན་ཅི་འདྲའི་སྐྱིད་ཨང་། ངས་ཉམས་ཐག་པའི་རང་ཉིད་ཀྱི་སྤྱོད་ཚུལ་ཐ་དག་དྲན་འོང་།ཨའོ་མ་ཡིན་ཏེ་ངས་སྣང་སྲིད་ཀྱི་ཆོས་ཐ་དག་ལ་བྱམས་པ་དང་བརྩེ་བ་ཆེན་པོའི་གཅེས་མིང་བཏགས་ཏེ་དེ་དང་ལྡོག་པ་ཡོད་ཚད་རང་ཉིད་གཅིག་པུས་མཁས་ལེན་ཅིང་རང་ཉིད་གཅིག་པུས་ཡོ་བསྲང་དང་གབ་སྦེད་བྱས་ཏེ།གང་ཟག་གང་དང་དེ་མ་ཡིན་པའི་སྒེར་རེ་རེ་དང་ཚོགས་པ་དུ་མའང་བྱམས་བརྩེ་བའི་ཁང་བཟང་དུ་སྣུམ་འཚིལ་འཚིལ་གྱིས་འཇོག་འདོད་ཆེ། གཉིད་ཐུན་གཅིག་ཁྱེད་རང་རྨིས་པས་དཀྲོགས་བྱུང།ངས་ད་བར་དུ་རང་ཉིད་ཀྱི་སེམས་ཚོར་རྐྱེན་པོར་བླ་ལྷག་གི་དོ་སྣང་བྱས་མྱོང་།སྙིང་ལགས།ཁྱེད་རང་རྨི་ལམ་དུ་འཕྲད་ཐེངས་རེར་ང་ལ་མཚན་མོ་མ་ཡིན་མཚན་མོ་ཞིག་ཡོད།དེ་ནི་ཁྱོད་དང་ལག་པས་ལས་པ་འཆང་བའི་མཚན་མོ་ཞིག་ཏེ།ངས་སྣང་སྲིད་ཀྱི་ཆོས་ཐ་དག་ལ་བྱམས་པ་དང་བརྩེ་བ་ཆེན་པོའི་གཅེས་མིང་བཏགས་པའི་མཚན་མོ་དེའོ། ད་ལྟ་གློག་ཀླད་ཀྱི་མདུན་ན་གོང་འཛུབ་ཀྱི་མིག་ཤེལ་ཡར་ལ་དེད་གིན་དེད་གིན་དུ། མིག་ལྤགས་གྲབ་གྲབ་བྱེད་པའི་མིག་བཟུང་ནས་ངལ་སྐྱོ་མཉམ་སྲེས་ཀྱི་མཆི་མ་ཡང་ཡང་འབྱིད་པའི་ནོར་བུས་ཁྱོད་ལ་ལྷག་ཏུ་དུང་ཞེས་ཉི་ཟླ་དཔང་།
如何发表文章?[图片]
2021-10-27